ལྟ་བའི་གསང་གནད།

2014-04-26

~~༈   ལྟ་བའི་གསང་གནད།
རང་རེ་བཀའ་བརྒྱུད་པས་འདོད་པའི་གཞན་སྟོང་ནི། གསལ་སྟོང་ཟུང་འཇུག་གི་ལྟ་བ་ཡིན་པས། གསལ་བ་ཞེས་པ་སྲ་མཁྲེགས་ཅན་ཞིག་དང་། སྟོང་པ་ཞེས་པ་ཅང་མེད་ཅིག་ཏུ་མི་འཛིན་པར། གསལ་སྟོང་རིས་སུ་མ་ཆད་པ་ཆུ་ནང་གི་ཟླ་གཟུགས་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ཤེས་ན་རྒྱུད་བླ་ནས་བཤད་པའི་གསལ་བ་དང་། འཇུག་པ་ནས་བཤད་པའི་སྟོང་པ་གཉིས་པོའི་འགལ་བ་རང་ཞིག་ཏུ་སོང་སྟེ། གསལ་ཆ་ནས་རང་ངོ་ཤེས་མིན་ཙམ་ཡིན་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་རུང་བ་དང་། སྟོང་ཆ་ནས་ཡེ་ནས་སྐྱེ་མེད་སྟོང་ཉིད་སྤྲོས་བྲལ་དང་། མིང་གཞན་སྟོང་ཙམ་དུ་འདྲ་ཡང་དོན་མི་འདྲ་བའི་ཚུལ་དག་ཚེགས་མེད་དུ་ཤེས་པར་འགྱུར་རོ། །
ཞེས་པ་སྐྱོ་བྲག་དགའ་དབང་གི་རྣམ་རྟོག་ཅིག་གོ། །